Monday, 15 September, 2025г.
russian english deutsch french spanish portuguese czech greek georgian chinese japanese korean indonesian turkish thai uzbek

пример: покупка автомобиля в Запорожье

 

ནང་ཆེན་འབའ་རོམ་པ།Barompa囊謙

ནང་ཆེན་འབའ་རོམ་པ།Barompa囊謙У вашего броузера проблема в совместимости с HTML5
༄༅། དཔལ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་ཆེ་བཞིའི་ཡ་རྒྱལ་འབའ་རོམ་བརྒྱུད་ནི། འབའ་རོམ་དར་མ་དབང་ཕྱུག་ནས་བཟུང་དེང་བར་ལོ་ངོ་དགུ་བརྒྱ་སྐོར་སོང་བའི་ལོ་རྒྱུས་ནང་། བརྒྱུད་འཛིན་གཙོ་བོ་འགྲོ་མགོན་ཏི་ཤྲཱི་རས་ཆེན་རིམ་པར་བྱོན་ནས། ཁམས་ནང་ཆེན་ཁུལ་དུའང་སྒོམ་སྡེ་རི་ཁག་བཅོ་བརྒྱད་ཅེས་སྒྲུབ་པ་ཉམས་ལེན་ལྷུར་ལེན་གཙོ་བཟུང་བྱེད་པའི་གྲགས་པས་ཁྱབ། ཁྱད་པར་ཚངས་གསར་གསང་བ་ལུས་མེད་རྡོ་རྗེ་ནས་བཟུང་འཇམ་དབྱངས་བློ་གྲོས་རིན་ཆེན་དེང་བར། རིག་ཆོས་གཉིས་ཀྱི་བརྒྱུད་འཛིན་ཉེར་གཉིས་བར་བྱོན་ཏེ། ད་ལྟའི་འཇམ་དབྱངས་བློ་གྲོས་རིན་ཆེན་ཡང་སྲིད་ལྔ་པ་བདེ་ཆེན་ཆོས་ཀྱི་རྒྱལ་པོ་གཙོས། དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་རྨང་ནས་གསོས་ཏེ། བོད་དང་ཕྱི་རྒྱལ་རྣམས་སུ་ཆོས་སྒར་ཉ་རྒྱས་བཞིན་དར་རྒྱས་ཡོང་བཞིན་པ། གྲུབ་པའི་ཁྱུ་མཆོག་ལུས་མེད་རྡོ་རྗེའི་ཞབས། །གྲུབ་རིག་རྒྱ་མཚོ་རི་དགོས་བཅོ་བརྒྱད་ཀྱི། །གྲུབ་པའི་ཕྲེང་བ་རིན་ཆེན་རྒྱུན་མི་འཆད། །གྲུབ་མཐའ་ནམ་མཁའི་ཕ་མཐར་ཁྱབ་གྱུར་ཅིག
Теги: Barompa2

Мой аккаунт