Thursday, 25 September, 2025г.
russian english deutsch french spanish portuguese czech greek georgian chinese japanese korean indonesian turkish thai uzbek

пример: покупка автомобиля в Запорожье

 

ཏྲེ་ཧོར

ཏྲེ་ཧོརУ вашего броузера проблема в совместимости с HTML5
༄། ཨ་རི་བོད་ཀྱི་ཏྲེ་ཧོར་སྐྱིད་སྡུག་ནས་ རྒྱལ་གཅེས་ལྷཊ་བསམ་གྱི་ཕྱུག་པའི་ས་གནས་བོད་རིགས་སྤུན་ཟླ་རྣམས་པའི་སྙན་ལམ་དུ་ཆེད་ཞུ་། ཚང་མའི་མཁྱེན་གསལ་བཞིན་འདི་ལོ་ཕྱི་ཟླ་བརྒྱད་པའི་ཚེ་བཅོ་ལྔ་ཉིན་བོད་ཁམས་ཏྲེ་ཧོར་རྟའུ་ཉི་མཚོ་དགོན་པའི་གྲྭ་་ཚེ་དབང་ནོར་བུས་བོད་བསྟན་སྲིད་དང་སྤུན་ཟླ་ཆོ་གསུམ་ཡོངས་ཀྱི་བདེ་བརྩར་དམིགས་ཏེ་རྒྱ་མི་གུང་ཕྲན་ཀྱི་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་ངན་པ་དག་ལ་ངོ་རྒོར་གྱི་རང་ལུས་མེར་བསྲེགས་སྟེ་རང་སྲོག་བློས་བཏང་གནང་བའི་དཔལ་བོ་དང་དཔལ་མོ་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་བླ་མེད་རྫོཊ་བྱང་ཐོབ་ཕྱིར་ ཨ་རི་ཏྲེ་ཧོར་སྐྱིད་སྡུག་ནས་གོ་སྒྲུབ་ཀྱི་སྨོན་ལམ་དང་མཆོད་མེ་རྒྱས་འབུལ་ཐོག་གསོལ་ཚོགས་བཅས་འབུལ་བར་ ཚོགས་ཕེབས་ཀྱི་རྒྱལ་གཅེས་སྤུན་ཟླ་ཡོངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་།
Мой аккаунт