Saturday, 13 September, 2025г.
russian english deutsch french spanish portuguese czech greek georgian chinese japanese korean indonesian turkish thai uzbek

пример: покупка автомобиля в Запорожье

 

ཨ་མ་མཛངས་མ་དགེ་བའི་གཤེས་བཉེན་འདྲ།

ཨ་མ་མཛངས་མ་དགེ་བའི་གཤེས་བཉེན་འདྲ།У вашего броузера проблема в совместимости с HTML5
དེབ་འདིའི་རྩོམ་པོ་ནི་ཨ་མ་མཛངས་མ་ཞིག་ཡིན་པ་མ་ཟད་དགེ་རྒན་བཟང་པོ་ཞིག་ཀྱང་ཡིན། ཁྱིམ་ཚང་སློབ་གསོ་བཟུང་པ་མི་འདང་བར་དམིགས་ནས་སློབ་གྲྭ་སློབ་གསོ་དང་ཁྱིམ་ཚང་སློབ་གསོའི་བར་འབྲེལ་ཟམ་འཛུགས་པའི་ཀུན་སློང་གིས་དེབ་མིང་ཡང་ཨ་མ་མཛངས་མ་དགེ་བའི་གཤེས་གཉེན་འདྲ་ཞེས་བཏགས་པ་རེད། འདི་ནི་སྙིང་སྟོབས་དང་བསམ་བློ། ཤེས་རབ་ཀྱིས་ཕྱུག་པའི་དེབ་ཅིག་སྟེ། སློབ་གསོའི་གནད་དོན་ལ་དམིགས་བཙུགས་པས་མི་ཚད་བསམ་བློའི་བཅུད་ཀྱིས་གཏམས་པའི་ཁྱིམ་ཚང་སློབ་གསོའི་དེབ་དཀོན་པོ་ཞིག་དང་། སྒེར་ཚུགས་ལྡན་པའི་སློབ་གསོའི་འདུས་ཤེས་ལྡན་ཞིང་སློབ་གསོའི་ཤེས་རབ་ཀྱིས་གཏམས་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ཡིག་འབྲུ་རེ་རེ་བྱམས་བརྩེས་ཀུན་ནས་ཕྱུག་པ་དེ་རེད། དེབ་འདི་ཁྱིམ་བདག་དང་དགེ་རྒན་གྱི་དགོས་མཁོ་ལྟར་ཀློག་ཆོག་ལ། ང་ལྟ་བུ་སློབ་གསོར་དོ་ཁུར་བྱ་བའི་མིས་བསྟས་ཀྱང་བློ་སྐྱེད་གྱ་ནོམ་པ་ཐོབ་ཡོང་ངོ་། སྙན་གྲགས་ལྡན་པའི་པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། ཆན་ལིས་ཆོན།
Теги: IMG 0032

Мой аккаунт